མི་ལ་ལུ་ཅིག་གིས་ མེ་ཏོག་ཚུ་ རྩ་ལས་རང་ བཏོན་མ་བཏུབ་ཟེར་ སླབ་ཨིན་པས། དེ་ལས་ ང་བཅས་ཀྱིས་ སོན་དང་ཚོད་བསྲེ་ འདབ་མ་ལ་སོགས་པ་ཚུ་ བཟའ་ཚུགས་ཟེར་ ག་དེ་སྦེ་སླབ་ཚུགས་ནི་སྨོ?
དེ་ལས་ སོན་འདི་ ས་ནང་བཙུགས་ཚར་བའི་ཤུལ་ལས་ ཆུ་དང་གཅིག་ཁར་ དེ་ཁར་འགྱོ་མི་ སེམས་ཅན་འདི་ ས་གི་ནུས་ཤུགས་དང་ སླ་བསྲེ་སྟེ་ སོན་ནང་འཛུལ་ཏེ་ ལྕུག་གུ་འཐོན་འོང་། དེ་འབདཝ་ལས་ མེ་ཏོག་འདི་ སོན་དང་ཚོད་བསྲེ་ལ་སོགས་པ་བཟུམ་གྱི་ འགུལ་མེད་དངོས་པོ་ (སྲོག་མེད་) མེནམ་ལས་ མེ་ཏོག་ཚུ་ བཏོན་མ་བཏུབ་ཟེར་ བདེན་པ་ཡོདཔ་ཨིན།