མི་འགའ་ཤས་ཀྱིས་མྱུ་གུ་རྩ་བ་ནས་འཐུ་མི་རུང་ཟེར། དེ་ནས་ང་ཚོས་སོན་དང་སྔོ་ཚལ་དང་ལོ་མ་སོགས་ཟ་ཆོག་ཅེས་ཇི་ལྟར་བཤད་ཐུབ་བམ།
ས་བོན་དེ་ས་ལ་བཏབ་རྗེས་ཆུ་དང་མཉམ་དུ་དེར་འགྲོ་བའི་རྣམ་ཤེས་དེ་ས་བོན་གྱི་ནུས་ཤུགས་དང་འདྲེས་ནས་ས་བོན་ནང་དུ་འཛུལ་ནས་མྱུ་གུ་འབུས་ཀྱི་ཡོད། དེར་བརྟེན་མྱུ་གུ་དེ་སོན་དང་སྔོ་ཚལ་སོགས་ལྟ་བུའི་འགུལ་མེད་དངོས་པོ་(སྲོག་མེད་)ཞིག་མིན་པས་མྱུ་གུ་འཐུ་མི་རུང་བ་དེ་བདེན་པ་རེད།