ཁྱིམ་ཅིག་ནང་ སྡོད་པར་འོང་མི་ ཁྱིམ་གླ་ཁར་ལེན་མི་ཅིག་ ཧེ་མ་ ཁྱིམ་གཞན་ཅིག་ནང་ སྡོད་ཡོདཔ་ཨིན་པས། ཁོ་ཁྱིམ་མེད་པར་སྡོད་མི་ཚུགས། ད་ལྟོ་སྡོད་མི་ཁྱིམ་ནང་ དཀའ་ངལ་བྱུང་པ་ཅིན་ ཁྱིམ་གཞན་ཅིག་ནང་ སྡོད་ནི་ཨིན་པས།
དེ་བཟུམ་སྦེ་ ཟ་འཐུང་སྦེ་ ཁང་གླ་སྤྲོད་དེ་ མི་གི་གཟུགས་འདི་ནང་ སྡོད་པར་འོང་མི་ སེམས་ཅན་དེ་ཡང་ དེ་གི་ཧེ་མ་ ཁང་གླ་དེ་ སྤྲོད་དེ་ གཟུགས་གཞན་ཅིག་ནང་ སྡོད་ཡོདཔ་ཨིན་པས།
གཟུགས་མེད་པར་མི་གནས་པར་ཡང་ཤེས་པར་བྱའོ། དེ་འབདཝ་ལས་ ད་ལྟོའི་སྐྱེ་བ་འདི་གི་ཧེ་མ་དང་ ཤུལ་ལས་ སྲོག་ལྡན་ཚུ་ལུ་ སྐྱེ་བ་ཡོདཔ་སྦེ་ ཧ་གོ་དགོཔ་ཨིན།