།སྙིང་རྗེ་ལ་ཡང་གཉིས་ཏེ་གཅིག་ནི་མཆོག་གི་སྙིང་རྗེ་དང་གཞན་ནི་ས་གཞིའི་སྙིང་རྗེ་ཡིན་ནོ། འཆི་བ་ལས་སྲོག་སྐྱོབ་ནི་འདི་སྙིང་རྗེ་མཐོ་ཤོས་ཨིན། །ཚེ་ཡི་འདོད་པ་ཚིམ་པ་ནི་འཇིག་རྟེན་པའི་སྙིང་རྗེ་ཡིན་ནོ།
།བཀྲེས་སྐོམ་གྱི་སྡུག་བསྔལ་དང་སྲོག་གཅོད་པའི་སྡུག་བསྔལ་སེལ་བ་ནི་སྙིང་རྗེ་མཆོག་སྟེ་སྲོག་འཆི་བ་ལས་སྐྱོབ་པའི་ཕྱིར་རོ། མི་ཚེ་འདི་ཚར་གཅིག་འགྱོ་བ་ཅིན་ ལོག་མི་འོང་། དེ་བས་སེམས་ཅན་ཚུ་འཆི་བ་ལས་སྐྱོབ་ནི་འདི་སྙིང་རྗེ་མཐོ་ཤོས་ཨིན། །ཚེ་ཡི་འདོད་པ་ཚིམ་པར་བྱ་བ་ནི་འཇིག་རྟེན་པའི་སྙིང་རྗེའོ། དཔེར་ན་ ཤེས་ཡོན་སྤྲོད་ནི་དང་ སྡོད་ཁྱིམ་ གྱོན་གོས་ ལ་སོགས་པ་ཚུ་བྱིན་ནི།
འཆི་བ་ལས་སྲོག་བསྐྱབས་ཏེ་ འཇིག་རྟེན་གྱི་བདེ་བ་དང་ སིདྡྷི་གི་བདེ་བ་མཐའ་ཡས་པ་ དེ་ལས་ དཀོན་མཆོག་གི་ཐུགས་རྗེ་ལས་བརྟེན་ བརྟན་པའི་བདེ་བ་ཚུ་ ཐོབ་ཚུགས།