མི་ལ་ལུ་ཅིག་ལུ་ བཟའ་འཐུང་དང་ རྒྱུ་ནོར་ལངམ་སྦེ་ཡོད་རུང་ ལ་ལུ་ཅིག་ལུ་ འདས་པའི་ལས་དབང་གིས་ ༼ཧེ་མའི་སྐྱེ་བ་ནང་ བྱ་སྤྱོད་ཚུ་༽ བཟའ་འཐུང་དང་ རྒྱུ་ནོར་གཞན་ཚུ་ ལངམ་སྦེ་མེདཔ་ཨིན་པས། རང་བཞིན་གྱིས་ སྡིག་ཅན་ཚུ་ མཇུག་གི་སྐྱེ་བ་ནང་ བྱུང་མི་ འཛོལ་བ་འདི་ བཅོ་ཁ་རྐྱབ་ནིའི་དོན་ལུ་ ལྟོཝ་བཀྱེས་བཅུགཔ་ཨིན། མི་གཅིག་ལུ་ཟ་འཐུང་ལངམ་སྦེ་ཡོདཔ་ད་ གཞན་མི་སྲོག་ཆགས་ཅིག་ཟ་འཐུང་མ་ལངམ་ལས་ ལྟོཝ་བཀྱེས་ཏེ་ སྡུག་བསྔལ་མྱོང་དོ་ཡོདཔ་ཨིན། དེ་འབདཝ་ལས་ མི་གཅིག་གིས་ མི་གཞན་ཅིག་ལས་ ལྟོཝ་བཀྱེས་ཏེ་ བཟའ་འཐུང་ཐོབ་ནིའི་དོན་ལུ་ གྲོགས་རམ་གྱི་རེ་བ་བསྐྱེད་དོ་ཡོདཔ་ཨིན།
བཞེས་སྒོ་བྱིན་མི་འདི་གིས་ དམིགས་བསལ་གྱི་དབང་ཚད་དང་ འཆི་མེད་ཀྱི་མི་ཚེ་ཐོབ་འོང་ཟེར་ ཐུགས་རྗེ་གིས་ བཀའ་རྒྱ་གནང་ཡོདཔ་ཨིན།